ང་ཚོའི་སྐོར།

The Spiritual Tradition of Bon

བོན་གྱི་ཆོས་ལུགས་སྐོར།
བོན་གྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་དེ་ཉུང་མཐར་ལོ་ངོ་བརྒྱད་སྟོང་གི་སྔོན་དུ་སྟོན་པ་གཤེན་རབ་མི་བོ་ཆེ་ ཡིས་སྟག་གཟིག་འོལ་མོ་ལུང་རིང་དུ་སྲོལ་བཏོད་པ་རེད། དེ་ནི་དེང་སང་གི་ཏ་ཇིག་སི་ཐན་དང་། བོད། བལ་ ཡ ུལ་བཅས་ཀྱི་ས་ཁུལ་དུ་གནས་པའི་ཞང་ཞུང་རྒྱལ་ཁབ་ཀྱི་ས་ཆ་རི་བོ་ཏི་སེའི་ཉེ་འཁོར་དི་ཡོད་པའི་ས་ཆ་ དེ་རེད། སྟོན་པ་གཤེན་རབ་མི་བོ་ཆེའི་བསྟན་པ་དེས་ཡུལ་དབུས་ཡོངས་ལ་ཁྱབ་པ་དང་། རིག་བྱེད་དང་ བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད། བོན་གྱི་སྲོལ་རྒྱུན་རྣམས་ གཙ་བོ་ལོ་ངོ་སྟོང་ཕྲག་མང་པོའི ་རིང་ལ་མ་ཆད་པར་རིགས་རྒྱུད་བརྒྱུད་ནས་བརྒྱུད་སྤྲོད་བྱས་ཡོད་པ་རེད།
བལ་ཡུལ་གྱི་ས་ཁུལ་དམུ་བསུ་སྟངས་མངའ་སྡེའི་གྲོང་ཁྱེར་རྫོང་གསར་པ་ནི་རྒྱ་གར་གྱི་རིག་བྱེད་རིག་ གཞུང་དང་བྱང་ཕྱོགས་ཀྱི་ཞང་ཞུང་བོན་གྱི་རིག་གཞུང་གཉིས་ཀྱི་བར་དུ་ཧི་མ་ལ་ཡའི་རི་རྒྱུད་བརྒལ་བའི་ འགྲུལ་བདེའི་ལམ་ཁ་ཉུང་ཤས་ཤིག་གི་ནང་ནས་གཅིག་ཡིན། དེང་སང་ཡང་རྐང་ཐང་དང་སྒོ་ཕྱུགས་བརྒྱུད་ ནས་ཚང་དང་འགྲུལ་བཞུད་བྱེད་བཞིན་ཡོད། དེའི་འབྲས་བུར་དམུ་བསུ་སྟངས་ལུང་པ་དེ་བན་བོན་དང་ ཧིན་དཱུའི་ཆོས་ལུགས་ཆེན་པོ་གསུམ་གྱི་གསང་བའི་ཤེས་རབ་མཉམ་སྤྱོད་དང་། བཟོད་བསྲན། མཉམ་ གནས་བཅས་ཀྱི་ས་ཁུལ་ཞིག་ཏུ་གྱུར་པ་རེད། དེའི་དཔེ་མཚན་ནི་གངས་ཏི་སེ་རི་བོ་སྟེ། བོན་པོ་རྣམས་ཀྱི་ འཇིག་རྟེན་གྱི་ལྟེ་བར་བརྩི་བ་དང་། མུག་ཏཱི་ན་ཐ་ཆོས་ཉིད་ཀྱི་ནུས་པའི་ལྟེ་གནས་སྟེ་ཆོས་ལུགས་གསུམ་ ཀས་གནས་མཆོག་ཏུ་བརྩི་བ་ཡིན།
བོན་གྱི་རྟོགས་ལྡན་རྣལ་འབྱོར་པ་མང་པོ་དཔེར་ན་འབྲན་པ་ནམ་མཁའ་དང་། ཡང་སྟོན་བཀྲ་ཤིས་རྒྱལ་ མཚན། གཞན་ཡང་མང་པོ་ཞིག་གིས་ལུང་པ་འདིར་སྒོམ་རྒྱག་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། ཧིན་དཱུའི་དྲང་སྲོང་ཆེན་པོ་བལ་མི་ཀི་རི་ཤིས་སྤྱི་ལོའི ་སྔོན་གྱི་དུས་རབས་ལྔ་པ་ནས་བཞི་པའི་བར་དུ་དཔའ་ བོའི ་རྟོགས་བརྗོད་”ར་མ་ཡ་ན”འདིར་བརྩམས་པ་རེད་ཅེས་བཤད་སྲོལ་ཡང་ཡོད། ས ྤ ྱི་ལོའི ་དུས་རབས་ བརྒྱད་པར། སློབ་དཔོན་ཞི་བ་འཚས་ཐེག་ཆེན་ནང་པའི་ཉམས་ལེན་རྣམས་རྒྱ་གར་ནས་བོད་དུ་དམུ་བསུ་ ས ྟངས་ལུང་པའི་ལམ་ཁ་འདི་བརྒྱུད་ནས་ཕེབས་པ་དང་། དེའི་རྗེས་སུ་པདྨ་འབྱུང་གནས་དང་ཁོང་གི་སློབ་ མ་ཉེར་ལྔ་རྒྱ་གར་ནས་བོད་ཡུལ་དུ་ལམ་ཁ་འདིའི་བརྒྱུད་ཕེབས། དྲང་སྲོང་འདི་དག་དམུ་བསུ་སྟངས་ལུང་ པའི་ཀ་ལི་གན་ཌ་ཀི་ཆུ་བོའི ་འགྲམ་དུ་ཡོད་པའི་ལམ་ཁ་འདི་བརྒྱུད་ནས་ཕེབས་པ་རེད། ཀ་ལི་གན་ཌ་ཀི་ འམ་ཀྲི་ཤ་ན་གན་ད་ཀི་ཆུ་བོ་ནི་བལ་ཡུལ་གྱི་གཙང་པོ་གཙ་བོ་ཞིག་ཡིན་པ་དང་། ཆ ུ་མོ་གངྒཱའི་འབྱུང་ ཁ ུངས་ཤིག་ཀྱང་ཡིན། འདི་ནི་རྒྱ་བོད་བར་གྱི་་འགྲུལ་ལམ་ཞིག་ཡིན་པ་དང་། དྲང་སྲོང་ཚའི་རྟོགས་པ་ བརྙེས་སའི་གནས་མང་པོ་ཡོད་པའི་གནས་སྐོར་བྱེད་ས་ཞིག་ཀྱང་ཡིན།
བོན་དང་རྒྱ་བོད་ཀྱི་ཉམས་ལེན་རྣམས་ས་ཁུལ་འདིར་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་མཉམ་གནས་དང་དར་ ར ྒ ྱས་བྱུང་ཡོད།
རིན་ཐང་བྲལ་བའི་ཆོས་ལུགས་ཀྱི་སྲོལ་རྒྱུན་འདི་དག་ལོ་ངོ་བརྒྱ་ཕྲག་ཕྱེད་ཀའི་སྔོན་ནས་རྩ་རླགས་ཏུ་ཕྱིན་ པའི་ ཉེན་ཁའི་འོག་ཏུ་ལྷུང་ཡོད། གལ་ཏེ་འདི་དག་མཉམ་པ་སླར་གསོའི་ལས་གཞི་ཞིག་མ་རྩམས་ན། ལོ་ངོ་ ས ྟོང་ཕྲག་མང་པོའི ་རིང་ལ་མི་རབས་རེ་རེ་བཞིན་སྙིང་གི་རུས་ཁོང་ནས་བརྒྱུད་པའི་གཏིང་ཟབ་པའི་གཡུང་ ད ྲ ུང་བོན་གྱི་སྲོལ་རྒྱུན་དེ་ས་ཁུལ་འདིར་མི་རབས་གཅིག་གམ་གཉིས་ཀྱི་ནང་དུ་འཚ་བཞིན་པའི་སྲོལ་རྒྱུན་ ཞིག་ཏུ་གནས་རྒྱུ་མཚམས་ཆད་འགྲོ་ངེས་ཡིན།
དམུ་བསུ་སྟངས་དབུས་ཀྱི་ས་ཁུལ་དུ་ད་ལྟའི་ཆར་ཆ་ཚང་བ་དང་རྒྱ་ཆེ་བའི་བོན་གྱི་དགོན་པ་གཅིག་ཀྱང་ མེད། བོན་གྱི་བླ་མ་དང་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་བྱེད་སའི་སྒྲུབ་གནས་ཤིག་ཀྱང་མེད། དགེ་ བཤེས་བསོད་ནམས་ཀྱི་རྩ་བའི་བླ་མ་གཅིག་པུ་ཀླུ་བྲག་གྲོང་གསེབ་ཏུ་སྒོམ་ཁང་དང་བཅས་པ་ས་ཁུལ་དེར་ བཞུགས་ཡོད་པ་དང་། བོན་པོའི ་བླ་མ་གཞན་གཉིས་ས་གནས་སུ་རང་གི་ཆོས་ལུགས་དང་སྲོལ་རྒྱུན་རྒྱུན་ འཛིན་བྱ་བར་དཔལ་འབྱོར་གྱི་རྒྱབ་སྐྱོར་མི་འདང་བའི་རྐྱེན་གྱིས་རང་གི་ཕ་ཡུལ་བཞག་ནས་རྒྱ་གར་དུ་ བཞུགས་ཡོད། དེར་བརྟེན། ད་དུང་མི་རབས་གཅིག་གཉིས་ཤིག་གི་ནང་ཚུན་ལ་ཉམས་ལེན་འདི་དག་ཡལ་ འགྲོ་བའི་ཉེན་ཁ་འདུག །

His Holiness Menri Trizin

ས ྨན་རིའི་ཁྲི་འཛིན་༣༣པའི་ལོ་རྒྱུས་མདོར་བསྡུས།
༄༅། །༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་རྒྱལ་ཡོངས་བོན་གྱི་བླ་ཆེན། ར ྒ ྱ་གར་གྱི་རྡོ་ལན་ཇིར་ཡོད་པའི་སྨན་རིའི་དགོན་པའི་མཁན་རིན་པོ་ཆེ་ཡིན། ཁོང་ནི་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚས་ ༡༤ ཉིན་ ས ྐ ུ་གཤེགས།
ཁོང་གི་ཡབ་རྒྱ་ལོ་ལྗོངས་ལྡོང་གིས་ཁོང་ཉེ་འཁོར་གྱི་ཕུན་ཚགས་དར་རྒྱས་གླིང་དགོན་པར་ཁྲིད་གནང་བ་དང་། དེར་ཁོང་ གིས་འབྲི་ཀློག་དང་་འདོན་ཆོག་ལ་བྱང་ཆུབ་པར་མཛད་པ་ཙམ་མ་ཟད། གཡུང་དྲུང་བོན་གྱི་གཞུང་དཀའ་པོད་རྣམས་ལ་ ས ློབ་སྦྱོང་མཐར་ཕྱིན་པ་གནང་། ཁོང་གིས་ཆོས་ཕྱོགས་ཀྱི་ཉམས་ལེན་གསན་བསམ་ལེགས་པར་གནང་སྟེ། དགུང་ལོ་ཉེར་ ལ ྔའི་ཐོག་སློབ་དཔོན་བསྟན་འཛིན་བློ་གྲོས་རྒྱ་མཚའི་ཞབས་ལ་གཏུགས་ཏེ་བཀའ་རབ་བྱམས་པ་དགེ་བའི་བཤེས་གཉེན་ ཆེན་པོའི་མཚན་བཏགས་བཞེས། དེའི་རྗེས་རྒྱལ་རོང་དུ་ཕེབས་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཤིང་དཔར་ཅན་བླུས་ ཏེ། ཡིག་ཆ་རྒྱ་ཆེན་པོ་བསྡུ་རུབ་གནང་བ་དང་། གསུང་རབ་པོད་བརྒྱ་ལྷག་དྲེལ་ལ་བཀལ་ནས་ཟླ་བ་དྲུག་རིང་དཀའ་ངལ་ ཆེན་པོས་རང་གི་དགོན་པར་ཕྱིར་ལོག་གནང་། དགུང་ལོ་ཉེར་བདུན་སྐབས་གནས་བསྐོར་བ་ཞིག་གི་ཚུལ་དུ་རྐང་ཐང་ལ་ ཐོན། ཐོག་མར་རྒྱ་ནག་ཏུ་ཕེབས་ནས་གནས་ཆེན་མང་པོར་གནས་གཟིགས་གནང་། དེ་ནས་རླངས་འཁོར་བརྒྱུད་ལྷ་སར་ ཕེབས། དེ་རྗེས་ལོ་མང་རིང་བོད་དུ་སྨན་རི་དང་། མཁར་སྣ། གཡུང་དྲུང་གླིང་བཅས་ཀྱི་བོན་དགོན་ཁག་ཏུ་སློབ་གཉེར་ གནང་ཞིང་། མཚན་ལ་སངས་རྒྱས་བསྟན་འཛིན་ལྗོངས་ལྡོང་ཞེས་གྲགས།
ཕ ྱི་ལོ་ ༡༩༥༩ ལོར་ཁོང་ལྷ་ས་ནས་བྲོས་ཏེ་བལ་ཡུལ་དུ་ཕེབས། དེར་དོལ་པོ་རྫོང་དུ་བཙན་བྱོལ་དུ་བཞུགས་པའི་གཡུང་ ད ྲ ུང་གླིང་གི་མཁན་པོ་དང་མཇལ། དོལ་པོའི་བསམ་གླིང་དགོན་པར་ཁོང་གིས་ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ རིག་པའི་མཁས་དབང་སློབ་དཔོན་ཌེ་ཝིཌ་སི་ནེལ་གྲོབ་དང་ཐོག་མར་མཇལ། དོལ་པོར་བོན་གྱི་ཆོས་དང་རིག་གཞུང་སྲུང་ ས ྐ ྱོབ་བྱེད་པའི་འཕྲལ་གྱི་དགོས་མཁོ་ལ་བརྟེན་ནས། སངས་རྒྱས་བསྟན་འཛིན་གྱིས་བོན་གྱི་དཔེ་ཆ་གལ་ཆེན་མང་པོ་པར་ མ་དང་པར་ཤིང་གཉིས་ཀ་བསྡུ་རུབ་གནང་ཞིང་། དེ་དག་ཕྱིས་སུ་རྒྱ་གར་དུ་སྔར་བཞིན་དྲེལ་ནི་ཐོབ་སླ་ཞིང་བློ་བཀལ་ཆོག་ པའི་འོར་འདྲེན་གྱི་ཐབས་ལམ་བརྒྱུད་ནས་གདན་འདྲེན་ཞུས། ཕྱི་ལོ་ ༡༩༦༡ ལོར་བསམ་གཏན་མཁར་སྨད་དང་བོན་གྱི་ དགེ་འདུན་པ་གཞན་འགའ་དང་མཉམ་དུ་སངས་རྒྱས་བསྟན་འཛིན་མཆོག་ལྡི་ལིར་ཕེབས། དེར་ཝ་ཤིན་ཊོན་གྱི་གྲོས་ ཚགས་དཔེ་མཛད་ཀྱི་ལྷོ་ཨེ་ཤི་ཡའི་སྐུ་ཚབ་བོད་རིག་པའི་མཁས་དབང་ཨི་ཇིན་སི་མི་ཐིའི་སྐུལ་མ་དང་རྒྱབ་སྐྱོར་འོག་ཁོང་ གིས་བོན་གྱི་གསུང་རབ་དང་ཡིག་ཆ་རྩ་ཆེན་རྣམས་བཤུས་པ་དང་། པར་སྐྲུན། ཉར་ཚགས་བཅས་བྱེད་པའི་མི་ཚའི་དམ་ བཅའ་མུ་མཐུད་གནང་། ཕྱི་ལོ་ ༡༩༦༢ ལོར་ནིའུ་ཡོག་གི་རོག་ཧྥེ་ལར་དཔལ་འབྱོར་རོགས་ཚགས་ཀྱི་མ་དངུལ་འོག་ སངས་རྒྱས་བསྟན་འཛིན་ལྗོངས་ལྡོང་རིན་པོ་ཆེ་མཆོག་དང་། བསམ་གཏན་མཁར་སྨད། བསྟན་འཛིན་རྣམ་དག་རིན་པོ་ཆེ་ མཆོག་བཅས་ཀྱིས་ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དང་ཨཕ་རི་ཀའི་སློབ་གཉེར་ཁང་དུ་སློབ་དཔོན་སི་ ནེལ་གྲོབ་ཀྱི་ལས་རོགས་སུ་བོད་ཀྱི་རིག་གཞུང་སྐོར་སློབ་ཁྲིད་གནང་བ་དང་ཆབས་ཅིག་ནུབ་ཕྱོགས་ཀྱི་ལོ་རྒྱུས་དང་རིག་ གཞུང་སྐོར་སློབ་སྦྱོང་གནང་། དབྱིན་ཡུལ་དུ་བཞུགས་རིང་དང་ཡུ་རོབ་ཏུ་གཟིགས་སྐོར་སྐབས་སངས་རྒྱས་བསྟན་འཛིན་ རིན་པོ་ཆེ་མཆོག་ཡེ་ཤུའི་དགོན་པ་མང་པོར་བཞུགས། ཕྱི་ལོ་ ༡༩༦༤ ལོར་ཁོང་གིས་རོམ་དུ་སྐྱབས་མགོན་པོཔ་པཱོལ་དྲུག་ པ་མཆོག་དང་སྒེར་མཇལ་ཞུས།
ཕ ྱི་ལོ་ ༡༩༦༠ དཀྱིལ་དུ། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་རྡོ་ལན་ཇིར་བོད་ཀྱི་བོན་པོ་རྣམས་ཀྱི་ཆེད་དུ་གཏན་སྡོད་གཞི་ ཆགས་ཤིག་བཙུགས། ས་ཆ་དེ་ནི་སློབ་དཔོན་བསྟན་འཛིན་རྣམ་དག་གིས་བདམས་ཤིང་། ལྡི་ལིར་ཡོད་པའི་ཡེ་ཤུའི་ ཚགས་པ་ཞིག་གིས་ ཉོས་པ་རེད། ཕྱི་ལོ་ ༡༩༦༦ ལོར། བོད་རིག་པའི་མཁས་དབང་པེར་ཁ་ཝར་ནེའི་མགྲོན་འབོད་འོག སངས་རྒྱས་བསྟན་འཛིན་ལྗོངས་ལྡོང་རིན་པོ་ཆེ་མཆོག་ནོར་ཝེར་བཞུགས་ཤིང་། ཨོ་སི་ལོ་གཙུག་ལག་སློབ་གྲྭ་ཆེན་མོར་ བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་སྐོར་སློབ་ཁྲིད་གནང་། སྐབས་དེར་ཁོང་ལ་སྨན་རིའི་མཁན་རབས་སོ་གཉིས་པའི་རྗེས་ འཛིན་དུ་༸ཞྭ་དཀར་བསྟན་པའི་མངའ་བདག་གསེར་ཁྲི་མངའ་གསོལ་མཛད་པའི་གནས་ཚུལ་གསན།
ཕ ྱི་ལོ་ ༡༩༦༩ ལོར། སྔོན་འགྲོའི ་དབང་བསྐུར་རྣམས་ལེགས་པར་ཞུས་རྗེས། ཁོང་གིས་སྨན་རིའི་མཁན་རབས་སོ་གསུམ་ པའི་མཛད་འགན་བཞེས་པ་དང་། ཕྱི་ལོ་ ༡༤༠༥ ལོར་བོད་ཀྱི་གཙང་ཞོལ་དུ་ཐོག་མར་ཕྱག་བཏབ་པ་དང་ཕྱིས་སུ་རྒྱ་ནག་ གི་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བཤིག་བཏང་བའི་སྨན་རིའི་དགོན་པ་དེ་ཉིད་རྡོ་ལན་ཇིར་བསྐྱར་གསོ་བྱ་ ར ྒ ྱ ུའི་འགན་འཁུར་བཞེས། དེ་ནས་བཟུང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་མཁྱེན་རྒྱ་དང་། ནུས་པ། ངལ་བ་མེད་པའི་ཞུ་སྒྲུབ་བཅས་ཀྱི་སྒོ་ནས། དེ་བཞིན་གྲོགས་པོ་དང་རྒྱབ་སྐྱོར་བ་མང་པོའི་གཏོང་ཕོད་ཆེ་བའི་རོགས་རམ་ བཅས་ལ་བརྟེན་ནས། རྡོ་ལན་ཇིར་གྲྭ་ས་གོང་མའི་ཕྱག་སྲོལ་བཟང་པ་དང་མཐུན་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཞིག་ དང་། བོན་གྱི་རིག་གཞུང་དང་སྲོལ་རྒྱུན་གྱི་འཚ་གནས་ལྟེ་གནས་ཤིག་བསྐྲུན་རྒྱུར་དུས་ཚད་དང་ཐུགས་འགན་བཞེས།

Geshe Sonam Gurung

Geshe Sonam Gurung, the subject of the film “From Mustang to Menri”, left his home in Mustang Valley at the age of nine to be trained as a monk at Menri Monastery based on the wishes of his root Lama, Yundrung Gyaltsen Rinpoche. Now, thirty years later, Geshe Sonam has returned back to his home in the region of Mustang. He is returning to rebuild Bon Culture in this great spiritual home of the world. This is the fruit of his root Lama’s wishes and the precious teachings he received from His Holiness Gyalwa Menri Trizin, the 33rd Abbot of Menri Bon Monastery and the spiritual head of the Tibetan Bon religion and his other teachers at Menri monastery.

Amchi (Dr.) Khedup Loden Gurung

Amchi (Dr.) Khedup Loden Gurung has been associated with MCECE for many years and has been collaborating with the Foundation on initiatives associated with the Chebumedical clinic in the Mustang Valley in Nepal. He is widely regarded as a highly accomplished doctor versed in Tibetan Bon Medicine. The purpose of the medical clinic is to provide communities in the Mustang Valley area with greater access to traditional Tibetan Bon medical practices. The Mustang Cultural and Educational Center MCEC currently has only one Bon doctor, Khedup Loden Gurung, offering medical treatments from a room that is adjacent to the MCEC children’s home in Jomson. The facilities are limited and demand from Mustang villages has been overwhelming with people traveling from far-away regions to receive treatment. Amchi Khedup Loden currently treats around 300 patients per month. The construction of a dedicated medical clinic at the Monastery will enable MCEC to vastly expand both the volume, variety, and quality of treatments.

Our Goal

His Holiness Menri Trizin and Geshe Sonam’s vision is to re-establish the vibrant Bonpo community that once flourished here in Mustang. Geshe Sonam has established the Mustang Cultural Education Center (MCEC) to make this vision a reality. The journey to realizing the fruit of this vision requires many steps. Bon culture and spiritual traditions must be re-built from the foundations, beginning with providing a cultural center for the community, then educating the children in their traditions, and finally creating the Bon religious and ritual support for Mustang Valley.